བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ འགོ་འཛུགས་དང་འབྲེལ། མི་རབས་གཞོན་པ་རྣམ་པས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་མི་རབས་རྒན་པ་ཚོའི་བཀའ་དྲིན་དྲན་དགོས་གལ་དང་། དུས་རབས་དང་མཐུན་པའི་བོད་ཀྱི་བདེན་དོན་འཐབ་རྩོད་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་། དེ་ཡང་དེ་རིང་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་རྡ་ཤོད་བོད་ཁྱིམ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ལས་བྱེད་འདེམས་ལྷན་ཚོགས་གཙོ་བཀའ་ཟུར་ཀརྨ་ཡེ་ཤེས་ལགས། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་ལགས། སྤྱི་འཐུས་རྒྱུན་ལས་ཁག་གཅིག རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ས་གནས་ཁག་ ༤༥ ནས་ཚོགས་གཙོ་གཙོས་པའི་ས་རྒྱུན་དང་ཚོགས་མི་ ༢༠༠ མ་ཟིན་ཙམ་ལྷན་ཞུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚགས་རྗེ་དྲུང་རིན་པོ་ཆེ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་བོད་ཀྱི་བདེན་དོན་འཐབ་རྩོད་དང་རིག་གཞུང་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ། མི་སྣ་སྐྱེད་སྲིང་སོགས་ཀྱི་ཐོག་ནས་གྲུབ་འབྲས་དང་ལས་དོན་གང་ལེགས་གཉེར་ཡོད་པ་གསུངས་སོང་། ད་དུང་བོད་དོན་འཐབ་རྩོད་འདི་བཞིན་དུས་རབས་ཉེར་གཅིག་པའི་ནང་མུ་མཐུད་ངེས་པར་དུ་གནས་དགོས་ཤིང་། དེའི་ཆེད་དུ་དུས་རབས་དང་མཐུན་ནས་གནང་དགོས་གལ་ཡིན་པའི་དྲན་སྐུལ་དང་འབྲེལ། བོད་པའི་མི་རབས་གཞོན་པ་རྣམས་ལ་གོ་སྐབས་ཡོད་རེད་ཅེས་ནན་བརྗོད་གནང་སོང་། མ་ཟད་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ནང་ཁུལ་འཆམ་མཐུན་ཐོག་ཆིག་སྒྲིལ་གྱི་ནུས་པ་རྒྱ་སྐྱེད་གནང་དགོས་གལ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་པའི་མི་རབས་རྒན་པ་རྣམས་ཀྱི་སྐུ་ལས་བསྐྱོན་པ་རྣམས་དྲན་ཤེས་ཐུབ་དགོས་པ། གཞིས་ལུས་བོད་མི་རྣམ་པའི་རེ་བ་བཅོལ་ས་དེ་བཙན་བྱོལ་ནང་དུ་ཡོད་པའི་མི་སྣ་སྤྱི་དང་ལྷག་པར་གཞོན་སྐྱེས་རྣམས་ཆགས་ཀྱི་ཡོད་པར་སྙིང་སྟོབས་སྐྱེད་རོགས་གནང་ཞེས་གསུངས་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མི་རིགས་ཀྱི་ལོ་རྒྱུས་གནས་བབ་ཐོག་ནས་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་པ་དང་། ང་ཚོར་སྐད་ཡིག་དང་རིག་གཞུང་། ས་ཁམས་བཅས་ཡོད་པར་དམིགས་བསལ་གྱི་ཡིད་སྨོན་ཞུ་འོས་པའི་མི་རིགས་ཤིག་ཡིན་པ་གསལ་པོ་རེད་ཅེས་གསུངས་སོང་། དེ་བཞིན་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རིགས་ཀྱི་ངོ་བོ་རྒྱ་ནག་ཅན་དུ་འགྱུར་རྒྱུའི་སོགས་ཀྱི་སྲིད་བྱུས་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་སྟབས། རྒྱ་ནག་གི་བོད་མི་རིགས་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་རྒྱ་རིགས་དང་བོད་པའི་སྤྱི་ཚོགས། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཐེར་འདོན་དང་ར་སྤྲོད་བྱ་དགོས་གལ་ཡིན་ཞིང་། ལྷག་པར་རྒྱ་གར་སོགས་ཀྱི་འཐབ་རྩོད་ལོ་རྒྱུས་ལ་སློབ་སྦྱོང་བྱ་དགོས་གལ་ཡིན་པ་ལམ་སྟོན་གནང་སོང་། མ་ཟད་ད་ལྟའི་མི་རབས་ཀྱི་ངོས་ནས་བོད་དོན་འཐབ་རྩོད་ཐོག་མུ་མཐུད་ལས་དོན་གནང་མ་ཐུབ་ཚེ་ཞབས་འདྲེན་ཡིན་སྟབས། བོད་དོན་འཐབ་རྩོད་ཤུགས་ཆེ་རུ་བཏང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་། མ་ཟད་དམིགས་བསལ་སྐུ་མགྲོན་གཞན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ད་ལྟ་ང་ཚོ་སྐྱབས་བཅོལ་བའི་གནས་བབ་ཐོག་ལྷག་ཡོད་ནའང་། ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་ལས་ང་ཚོར་རེ་བ་དང་སེམས་ཤུགས་ཀྱི་ཐོག་ནས་བོད་པ་དང་བོད་མི་རིགས་ཀྱི་སྒྲིག་འཛུགས་ཤིག་ཡོད་པར་བོད་དོན་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད་པར་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་དང་། དེ་དང་ལྷན་དུ་རང་རང་སོ་སོའི་ལས་འགན་ཞིག་ཡོད་བསམ་པ་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན་པ་རེད་ཅེས་ནན་བརྗོད་གནང་སོང་། མ་ཟད་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་ཆ་ཚང་མཉམ་ལས་གནང་དགོས་གལ་ཡིན་པའི་དྲན་སྐུལ་གནང་སོང་། རྩ་བའི་ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་གཞི་དོན་ཚན་ཁག་བརྒྱད་ཡོད་ཅིང་། གྲོས་གཞི་དེ་དག་ནི་བོད་ཀྱི་གཞོན་ལྷན་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་དང་། ཚོགས་ཆེན་ཐེངས་ […]
The post བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས། appeared first on vot.







